ད་ལྟའི་ཆར་སློབ་གྲྭ་འདིར་ཁྱོན་རྒྱལ་ཁབ་ཁག་ ༡༦ ནས་ཕེབས་པའི་སློབ་མ་གྲངས་ ༡༣༠༠ ལྷག་ཡོད་ཅིང་། ཁོང་ཚོས་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་གི་རིན་ཐང་ཤེས་རྟོགས་བྱེད་བཞིན་ཡོད། སེར་བྱེས་དབྱར་དུས་སློབ་གྲྭ་(Summer Camp)འདི་ནི་ལོ་ན་ ༩ ནས་ ༡༦ བར་གྱི་བོད་རིགས་བྱིས་པ་དང་གཞོན་སྐྱེས་ཚོར་དམིགས་པའི་བྱེད་སྒོ་སྣ་མང་ལྡན་པ་ཞིག་ཡིན། ང་ཚོས་བདེ་ཐང་ལྡན་པའི་སློབ་གསོའི་ཁོར་ཡུག་ཅིག་བསྐྲུན་ཏེ། ཕྱི་རྒྱལ་དུ་གནས་སྡོད་བོད་ཕྲུག་ཚོ་སེར་བྱེས་རྒྱལ་སྤྱིའི་དབྱར་དུས་སློབ་གྲྭར་དངོས་སུ་ཞུགས་ནས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ལོ་རྒྱུས། ནང་ཆོས་ཀྱི་རྩ་བའི་ལྟ་གྲུབ་བཅས་སྦྱོང་བའི་མཐུན་རྐྱེན་སྦྱོར་བཞིན་ཡོད།

དྲ་ཐོག་སློབ་ཁྲིད་ཐད་ལ་ཉམས་མྱོང་ལྡན་པའི་བོད་པའི་དགེ་རྒན་རྣམ་པ་དང་ལྷན་དུ་དྲ་ཐོག་ནས་སློབ་ཁྲིད་ལ་རོལ་ཞིང་། ཁྱེད་ཀྱི་དོ་དབྱིངས་དང་ཆུ་ཚད་ལ་གཞིགས་པའི་སློབ་ཚན་བརྒྱུད་ནས་མགྱོགས་མྱུར་ཡར་རྒྱས་གཏོང་ཐུབ།
ཆེད་སྦྱོང་བོད་ཡིག་སློབ་ཚན་ཡིན་དགོས་པ་དེའི་སྒང་ལ། གལ་སྲིད་སློབ་ཚན་གཞན་པ་སྦྱོང་འདོད་ན། སློབ་མ་རང་ཉིད་ཀྱི་དགའ་མོས་ལྟར་དབྱིན་ཡིག་དང་། རྒྱ་ཡིག ཨང་རྩིས་སློབ་ཚན་བཅས་སྦྱོང་བའི་མཐུན་རྐྱེན་སྦྱོར་བཞིན་ཡོད།

བོད་ཡིག་སྔོན་འགྲོ་འཛིན་གྲྭ་ནས་འགོ་བཙུགས་ཏེ་འཛིན་རིམ་བརྒྱད་པ་བར་དུ་ཡོད། ང་ཚོས་གཙོ་འདོན་བྱེད་ས་གཙོ་བོ་རྩལ་ལྔ་སྟེ། ཉན་རྩལ་དང་། བཤད་རྩལ། ཀློག་རྩལ། འབྲི་རྩལ། གླེང་མོལ་བཅས་ཡིན།
ཐོ་འགོད་བྱེད་པ།
དབྱིན་ཡིག་གཞི་རིམ་དང་། ཐ་སྙད། བརྡ་སྤྲོད། རྒྱུན་སྤྱོད་གླེང་མོལ། མཐོ་རིམ་དབྱིན་ཡིག་བཅས།
ཐོ་འགོད་བྱེད་པ།

བདེན་པ་བཞི་དང་། དཀོན་མཆོག་གསུམ། ལས་རྒྱུ་འབྲས་སོགས་ནང་ཆོས་ཀྱི་གཞི་རྩའི་ལྟ་གྲུབ།
ཐོ་འགོད་བྱེད་པ།
ཧྲིལ་གྲངས་དང་། ལྡབ་གྲངས། ཆ་གྲངས་བསྡོམས་རྩིས། འདུས་གྲངས་སོགས་རྩིས་རིག་ཤེས་བྱ།
ཐོ་འགོད་བྱེད་པ།རང་རེའི་སློབ་གྲྭར་ཐོབ་པའི་གཟེངས་རྟགས་རྣམས་ཀྱིས་སློབ་གྲྭའི་གཟི་བརྗིད་བསྐྲུན་པ་ཙམ་དུ་མ་ཟད། ང་ཚོར་སྔར་ལས་ལྷག་པའི་སྙིང་སྟོབས་དང་འབད་བརྩོན་གྱིས་མདུན་དུ་སྐྱོད་པའི་སེམས་ཤུགས་སྤྲད་ཡོད།