ཕྱི་རྒྱལ་ཡུལ་མི་རྣམས་ཀྱི་ཆེད།
རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ་བཅས་ཀྱི་ཡུལ་མི་མིན་པའམ་ཡང་ན་དུས་བཀག་ནང་ཚུན་གྱི་སྐྱབས་བཅོལ་ལག་དེབ་ (RC) མེད་པའི་བོད་མི་རྣམས་ཀྱིས་གཤམ་གསལ་ཡིག་ཆ་ངེས་པར་དུ་ལེན་དགོས།
སེ་ར་བྱེས་དགོན་པ་ཚུད་པའི་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་ཏུ་བསྐྱོད་པར་ PAP ཆོག་མཆན་ངེས་པར་དུ་དགོས། འདི་ཉིད་ https://papvt.mha.gov.in/ བརྒྱུད་དྲ་ཐོག་ནས་ཞུ་གཏུགས་གནང་ཆོག
གལ་ཆེའི་དྲན་སྐུལ།
ཡུལ་སྐོར་སྤྲོ་འཆམ་པའི་མཐོང་མཆན་དང་ PAP ཆོག་མཆན་ལེན་ཕྱོགས་ཀྱི་ཞིབ་ཕྲའི་གནས་ཚུལ་རྣམས་ཐོ་འགོད་གྲུབ་རྗེས་གློག་འཕྲིན་ (Email) བརྒྱུད་མཁོ་འདོན་བྱ་རྒྱུ་ཡིན།
གནམ་གྲུའི་འགྲུལ་བཞུད།
སྦེང་ལོར་གནམ་ཐང་ནས་སྤྱི་སྤྱོད་རླངས་འཁོར་ཞབས་ཞུ།
གླ་འཁོར་ (Taxi) ཞབས་ཞུ།